广大离退休人员:
为贯彻落实《中华人民共和国社会保险法》《人力资源社会保障部办公厅关于全面取消社会保险待遇领取资格集中认证的通知》(人社厅〔2018〕54号)要求,防范欺诈、冒领社会保险基金现象发生,保障社会保险待遇领取人员权益,现将截至2024年11月区本级超期未进行待遇领取资格认证人员名单在自治区人力资源和社会保障厅官网,“西藏社保”和“西藏社保卡”公众号同步进行公告,并暂停发放养老保险待遇。截至2024年12月5日,区本级超期未进行待遇领取资格人员共计2416人,其中企业职工基本养老保险1523人,机关事业单位养老保险893人。请未进行认证人员及时认证,认证后我局将在次月恢复发放养老保险待遇,并补发暂停期间的待遇。如有疑问,请联系自治区社保局安置服务科,联系电话:0891-6868107。
附件 1.2024年11月超期未认证人员名单
2.社会保险待遇领取资格认证方式及操作流程
西藏自治区社会保险管理局
2024年12月5日
ལྗོངས་རིམ་པའི་༢༠༢༤ལོའི་ཟླ་༡༡པར་དུས་བརྒལ་ཐོབ་ཐང་ཁས་ལེན་བྱས་མེད་པའི་མི་སྣར་རྒན་གསོའི་ཐོབ་ཐང་གནས་སྐབས་སྤྲོད་མཚམས་འཇོག་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
རྒྱ་ཆེའི་ལས་བྲལ་ལས་འཁྱུར་མི་སྣ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་ཚོགས་འགན་བཅོལ་བཅའ་ཁྲིམས》དང་《སྤྱི་ཚོགས་འགན་བཅོལ་ཐོབ་ཐང་གཅིག་སྡུད་ཁས་ལེན་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུའི་སྐོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་གཞུང་དོན་ཐིང་གི་བརྡ་ཐོ》(མི་སྤྱི་ཐིང་〔༢༠༡༨〕ཡིག་ཨང་༥༤པའི)བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པའི་སྣང་ཚུལ་ཐོན་རྒྱུར་དོགས་ཟོན་དང་སྤྱི་ཚོགས་འགན་བཅོལ་ཐོབ་ཐང་ལེན་མཁན་མི་སྣའི་ཁེ་དབང་འགན་ལེན་བྱེད་ཆེད། ༢༠༢༤ལོའི་ཟླ་༡༡པར་ལྗོངས་རིམ་པ་དེ་གའི་ཐོབ་ཐང་ཁས་ལེན་བྱས་མེད་པའི་མི་སྣའི་མིང་ཐོ་དེ་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་གཞུང་ཕྱོགས་དྲ་ཚིགས་དང་། བོད་ཀྱི་སྤྱི་ཚོགས་འགན་བཅོལ། བོད་ཀྱི་སྤྱི་ཚོགས་འགན་བཅོལ་གཱ་བཅས་ཀྱི་སྤྱི་སྟེགས་ཐོག་དུས་གཅིག་ཏུ་སྤྱི་བསྒྲགས་བྱ་རྒྱུ་དང་འབྲེལ་རྒན་གསོའི་འགན་བཅོལ་ཐོབ་ཐང་གནས་སྐབས་སྤྲོད་མཚམས་འཇོག་རྒྱུ། ༢༠༢༤ལོའི་ཟླ་༡༢ཚེས་༥ཉིན་བར་ལྗོངས་རིམ་པ་དེ་གའི་དུས་བརྒལ་ཐོབ་ཐང་ཁས་ལེན་བྱས་མེད་པའི་མི་ཁྱོན་༢༤༡༦ཡོད་པའི་ནང་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་མི་༡༥༢༣དང་། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་གསོ་འགན་བཅོལ་གྱི་མི་༨༩༣ཡོད། དཔང་དངོས་བདེན་པ་ཡིན་པ་ར་སྤྲོད་བྱས་མེད་པའི་མི་སྣས་དུས་ཐོག་ཏུ་དཔང་དངོས་བདེན་པ་ཡིན་པ་ར་སྤྲོད་བྱེད་དགོས་པ་དང་། དེ་རྗེས་ངེད་ཅུད་ཀྱིས་ཟླ་བ་རྗེས་མར་རྒན་གསོའི་འགན་བཅོལ་གྱི་ཐོབ་ཐང་སླར་གསོ་བྱ་རྒྱུ་མ་ཟད། གནས་སྐབས་སྤྲོད་མཚམས་འཇོག་རིང་གི་ཐོབ་ཐང་གསབ་སྤྲོད་བྱ་རྒྱུ་ཡིན། གལ་ཏེ་དོགས་གཞི་ཡོད་ན་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་སྲུང་ཅུད་ཀྱི་བཀོད་སྒྲིག་ཞབས་ཞུ་ཁོའོ་དང་འབྲེལ་གཏུག་གནང་རོགས།
འབྲེལ་གཏུག་ཁ་པར། ༠༨༩༡—༦༨༦༨༡༠༧
ཟུར་བཀོད་དང་པོ། ༢༠༢༤ལོའི་ཟླ་༡༡པར་དུས་བརྒལ་ཁས་ལེན་བྱས་མེད་པའི་མི་སྣའི་མིང་ཐོ།
ཟུར་བཀོད་གཉིས་པ། སྤྱི་ཚོགས་འགན་བཅོལ་གྱི་ཐོབ་ཐང་ཁས་ལེན་བྱེད་སྟངས་དང་བཀོལ་སྤྱོད་བྱེད་རིམ།
བོད་རང་སྐྱོང་ལྗོངས་སྤྱི་ཚོགས་འགན་བཅོལ་དོ་དམ་ཅུད།
༢༠༢༤ལོའི་ཟླ་༡༢ཚེས་༥ཉིན།